ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ནཱ་ཁཱ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རླངས་འཁོར་རུ་ཁག་ཐོག་མ་མངག་གཏོང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་སྤེལ་བའི་འཕྲིན། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་ཡིས་ཉིན་དེར་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རླངས་འཁོར་རུ་ཁག་མངག་གཏོང་བྱས་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་རླངས་འཁོར་རུ་ཁག་གཉིས་བཙུགས་ནས། ནཱ་ཁཱ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་དུ་བཅུག བསྐྱལ་བའི་དངོས་པོ་གཙོ་བོ་ནི་ནཱ་ཁཱ་ས་ཁུལ་གྱི་སྤྱི་ཚོགས་རྨང་གཞིའི་སྒྲིག་ཆས་དང་གཏོར་བརླག་ཐེབས་པའི་སྡོད་དམངས་ཀྱི་ཁང་བ་ཞིག་གསོ་བྱེད་པར་མྱུར་དུ་མཁོ་བའི་བཟོ་སྐྲུན་རྒྱུ་ཆ་ཡིན་པ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་རྒྱལ་ཁབ་འགོག་སྲུང་དོ་དམ་ལྟེ་གནས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སྡེ་ཁག་བརྒལ་བའི་མི་ཆོས་རིང་ལུགས་ལས་དོན་ལྟེ་གནས་ཀྱིས་ཚེས་ཉི་ཤུ་ཉིན་དངོས་སུ་ནཱ་ཁཱ་ས་ཁུལ་དུ་སྐྱེལ་འདྲེན་བྱས། ལྟེ་གནས་དེས་གཙོ་བོ་ནཱ་ཁཱ་ས་ཁུལ་གྱི་ཞི་བདེ་འཚོ་བ་སླར་གསོ་བྱེད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལས་འགན་ཁུར་དུ་བླངས་ཡོད། དེའི་ནང་ཡུལ་གྱར་བ་ཕྱིར་རང་ཡུལ་དུ་ལོག་པར་རོགས་རམ་བྱེད་པ་དང་། དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྟེར་བ། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་འབྲེལ་ཡོད་སྡེ་ཁག་ལ་རོགས་འདེགས་བྱས་ཏེ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་བར་མཉམ་ལས་བྱེད་པ་སོགས་འདུས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།