པཱ་ལིན་དཔོན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ཐོག་དང་པོར་དབྱི་སི་རལ་དུ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ནེ་ཡིས་ཁྲིད་པའི་པཱ་ལིན་དཔོན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ཉིན་དེར་དབྱི་སི་རལ་དུ་འཚམས་འདྲི་བྱས་ཟེར། དེ་ནི་པཱ་ལིན་དཔོན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ཐོག་དང་པོར་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཀྲ་ཡེ་ནེ་ཡིས་ཉིན་དེར་ཡེ་ལུའུ་སཱ་ལེམ་ནས་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཧྲི་ཁི་ནཱ་ཆི་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཕྱོགས་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཕན་ཚུན་རྒྱལ་ཁབ་ནས་གཞུང་ཚབ་ཁང་འཛུགས་པ་དང་། གང་མགྱོགས་སྒོས་རྒྱལ་ཁབ་གཉིས་ཀྱི་དུས་བཅད་གནམ་གྲུ་གཏོང་མགོ་རྩོམ་པར་ཡིད་འཐད་བྱུང་བར་མ་ཟད། ཨ་ཧྲི་ཁི་ནཱ་ཆི་ཡིས་ཟླ་བཅུ་གཉིས་པར་པཱ་ལིན་ལ་འཚམས་འདྲི་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཀྱང་ཉིན་དེར་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཀྲ་ཡེ་ནེ་གཉིས་དང་མཉམ་དུ་གྲོས་མོལ་བྱས་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཀྲ་ཡེ་ནེ་ཡིས་ཉིན་དེར་ད་རུང་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།