ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སང་ལོའི་ལོ་མགོར་ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་སོ་སོར་སྟོང་གཉིས་དང་ལྔ་བརྒྱར་ཇེ་ཉུང་དུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མ་མུས་ལེ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་དེ་སང་ལོའི་ཟླ་དང་པོའི་ཟླ་དཀྱིལ་གྱི་སྔོན་ལ་སོ་སོར་སྟོང་གཉིས་དང་ལྔ་བརྒྱར་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། 

མུས་ལེ་ཡིས་ཉིན་དེར་ཟུར་ལྔའི་ཐོག་ཁང་ཆེན་མོར་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་སྲུང་པུའུ་ཡིས་ཙུང་ཐུང་ཐི་ལིང་ཕུའུ་ཡི་བཀའ་རྒྱ་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིར་ཡང་བསྐྱར་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། སང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་བར་ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་དེ་སོ་སོར་སྟོང་གཉིས་དང་ལྔ་བརྒྱ་ཡས་མས་སུ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། 

མུས་ལེ་ཡིས་བསྟན་དོན། འཆར་གཞི་དེ་ཨ་མེ་རི་ཁས་གཏན་འཁེལ་བྱས་ཡོད་པའི་འཆར་གཞི་དང་འཐབ་ཇུས་དམིགས་འབེན་ལ་འཚམ་པར་མ་ཟད། ཨ་མེ་རི་ཁའི་སྤྱི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། འབྲེལ་ཡོད་འཆར་གཞི་དེ་རྒྱལ་ཚོགས་ཀྱི་མགོ་ཁྲིད་རིམ་པ་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་བཅས་ལ་བརྡ་བཏང་ཡོད་ཟེར། 

དེ་ནི་མུས་ལེ་ཡིས་རྒྱལ་སྲུང་བློན་ཆེན་ཚབ་མའི་འགན་ཁུར་རྗེས་ཐོག་དང་པོར་ཟུར་ལྔ་ཐོག་ཁང་ཆེན་མོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་པ་རེད། ཁོས་གཏམ་བཤད་མཇུག་བསྒྲིལ་རྗེས་དྲི་བ་གཞན་དང་ལེན་མ་བྱས། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མིག་སྔར་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སོ་སོར་དམག་མི་སྟོང་བཞི་དང་ལྔ་བརྒྱ་དང་། དམག་མི་སྟོང་གསུམ་བཅའ་སྡོད་བྱེད་དུ་བཅུག་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།