ཀྲུང་གོ་བོད་ཀྱི་དྲ་བ།

སཱ་ཅཱ་སི་ཏིས་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་ཙུང་ཐུང་གི་ལས་འགན་ཁུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཕེ་རུའི་རྒྱལ་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། གྲོས་མི་སཱ་ཅཱ་སི་ཏིས་སྐབས་གསར་བའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་རེད། སཱ་ཅཱ་སི་ཏིས་ཀྱིས་རྩ་ཁྲིམས་ཀྱི་ལས་རིམ་ལྟར་དུ་ཕེ་རུའི་ཙུང་ཐུང་གི་ལས་འགན་ཁུར་དགོས་པ་རེད། 

སཱ་ཅཱ་སི་ཏིས་བདམས་ཐོན་བྱུང་རྗེས་བསྟན་དོན། རྒྱལ་ཚོགས་དང་སྲིད་གཞུང་གིས་རང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་ཀྱི་རེ་བ་སླར་གསོ་བྱེད་རྒྱུ་ཡིན་པ་དང་། ཁོ་ཚོར་མགོ་ཁྲིད་ལས་ཁུངས་གསར་བ་ནི་འགན་འཁྲིའི་བསམ་པ་དྲག་པོ་ཡོད་པ་དང་ཡིད་རྟོན་རུང་བ་ཞིག་ཡིན་པ་གསལ་བཤད་བྱེད་རྒྱུ་ཡིན་ཟེར། 

སཱ་ཅཱ་སི་ཏིས་ཀྱིས་དེའི་རྗེས་སུ་དམ་བཅའ་བཞག་སྟེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བ་དང་། ཁོས་ཚེས་བཅུ་བདུན་ཉིན་དམ་བཅའ་བཞག་སྟེ་ཕེ་རུའི་ཙུང་ཐུང་གི་འགན་ཁུར་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།