ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སུའུ་ཏན་ནས་མཚོ་དམག་གི་དངོས་རྫས་འགན་སྲུང་བྱེད་ས་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་བཀོད་པའི་འབྲེལ་ཡོད་ཡིག་ཆ་ལྟར་ན། ཨུ་རུ་སི་ཡིས་སུའུ་ཏན་གྱི་མངའ་ཁོངས་ནས་ཨུ་རུ་སིའི་མཚོ་དམག་གི་དངོས་རྫས་འགན་སྲུང་བྱེད་ས་ཞིག་འཛུགས་རྒྱུ་རེད། 

ཨུ་རུ་སིའི་བཅའ་ཁྲིམས་བརྡ་འཕྲིན་དྲ་བས་ཚེས་བཅུ་དྲུག་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཡིག་ཆའི་ནང་ཨུ་རུ་སིའི་སྲིད་གཞུང་གིས་སྤྲད་པའི་སུའུ་ཏན་གྱི་མངའ་ཁོངས་ནས་ཨུ་རུ་སིའི་མཚོ་དམག་གི་དངོས་རྫས་འགན་སྲུང་བྱེད་ས་འཛུགས་པའི་སྐོར་གྱི་ཇུས་གཞིར་ཡིད་འཐད་བྱུང་ཡོད། ཡིག་ཆ་ལས་བཤད་རྒྱུར། དངོས་རྫས་འགན་སྲུང་བྱེད་ས་དེ་འཛུགས་སྐྲུན་བྱས་ན་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཅིང་། འགོག་སྲུང་གི་ངོ་བོ་ལྡན་ཡང་རྒྱལ་ཁབ་གཞན་པ་གང་རུང་ལ་དམིགས་པ་མིན་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་གཞུང་གིས་ཇུས་གཞི་དེ་མ་བཏོན་གོང་སུའུ་ཏན་ཕྱོགས་བར་འབྲེལ་འདྲིས་བྱས་ཡོད་པ་རེད། ཇུས་གཞི་དེ་ལྟར་ན། འགན་སྲུང་བྱེད་ས་དེས་གཙོ་བོ་གྲུ་གཟིངས་ཀྱི་ཞིག་གསོ་དང་། དངོས་རྫས་མཁོ་སྒྲུབ། གྲུ་བའི་ངལ་གསོ་སོགས་བྱ་བར་འགན་ཁུར་རྒྱུ་རེད། བཅའ་སྡོད་བྱེད་པའི་ཨུ་རུ་སིའི་དམག་མིའི་ཁ་གྲངས་མི་སུམ་བརྒྱ་ལས་བརྒལ་མི་རུང་ལ། དུས་མཉམ་དུ་གྲུ་ཁར་བསྡད་པའི་ཨུ་རུ་སིའི་དམག་གྲུའི་ཁ་གྲངས་བཞི་ལས་བརྒལ་མི་རུང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།