ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ངལ་རྩོལ་ཏང་གིས་སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་བཅོས་བྱེད་ཐབས་ལ་ཤུགས་སྣོན་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཅུའི་རྒྱ་བསྐྱེད་གྲོས་ཚོགས་ཐེངས་ཉི་ཤུ་བ་ཚེས་བཅོ་ལྔ་ཉིན་ཕེན་རང་ནས་སྤེལ། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་བཅས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་མ་ལག་སོགས་གནད་དོན་ལ་གཏིང་ཟབ་ཏུ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་ཉེ་སྔོན་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོ་བའི་གནས་ཚུལ་དང་ཁྲའོ་ཞན་གྱི་རིམས་འགོག་གི་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་དང་དཔྱད་འཇོག་ཞིབ་ཏུ་བྱས། སྔར་ལས་ལྷག་པའི་སྒོ་ནས་བྲེལ་མྱུར་རིམས་འགོག་འཐབ་ཕྱོགས་ལ་ཤུགས་སྣོན་པའི་ལས་འགན་དང་ཐབས་ལམ་བཏོན་པར་མ་ཟད། བཀག་སྡོམ་གྱི་འགོག་སྒྲིབ་སྲ་བརྟན་དུ་བཙུགས་ནས་བྲེལ་མྱུར་རིམས་འགོག་འཐབ་རྩོད་སྤེལ་དགོས་པ་ནན་གྱིས་བསྟན།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། ཁྲའོ་ཞན་ནི་ཆེས་སྔ་མོ་ནས་བཀག་སྡོམ་བྱེད་ཐབས་སྤྱད་པའི་རྒྱལ་ཁབ་ཅིག་རེད། ཁྲའོ་ཞན་དཔོན་ཕྱོགས་ཀྱིས་བཤད་རྒྱུར། ཁྲའོ་ཞན་མངའ་ཁོངས་སུ་ད་ལྟའི་བར་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་བྱུང་མྱོང་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།