ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱི་དམག་དཔུང་བར་འཁྲུག་རྩོད་བྱུང་ནས་ཕན་ཚུན་གྱི་མི་སྣ་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་བདེན་དཔང་བྱས་དོན། ཉིན་དེར་ཁེ་ཧྲི་མུས་ཨར་གྱི་དོན་དངོས་ཚོད་འཛིན་བྱེད་ས་རུ་རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱི་དམག་དཔུང་བར་འཁྲུག་རྩོད་བྱུང་ནས་ཕན་ཚུན་གྱི་མི་སྣ་ཤི་རྨས་བྱུང་ཟེར།

རྒྱ་གར་སྐམ་དམག་གི་མགྲིན་ཚབ་པས་བདེན་དཔང་བྱས་དོན། ཐེངས་འདིའི་འཁྲུག་རྩོད་ཁྲོད་རྒྱ་གར་ཕྱོགས་ཀྱི་དམག་མི་གསུམ་དང་མི་སེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་གསུམ་དང་མི་སེར་གཉིས་རྨས་ཟེར།

ཕཱ་ཁི་སི་ཐན་གྱི་དམག་དཔུང་གསུམ་པའི་སྤྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་དོན། ཕ་ཁི་སི་ཐན་ཕྱོགས་ཀྱི་མི་སེར་གཅིག་ཐེངས་འདིའི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་མི་སེར་གསུམ་རྨས་ཟེར།

ཉེ་ལམ། ཁེ་ཧྲི་མུས་ཨར་གྱི་དོན་དངོས་ཚོད་འཛིན་བྱེད་ས་རུ་རྒྱ་གར་དང་ཕ་ཁི་སི་ཐན་གྱི་དམག་དཔུང་བར་ཐེངས་མང་པོར་འཁྲུག་རྩོད་བྱུང་བར་མ་ཟད།  འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པའི་ཐད་ནས་ཕན་ཚུན་ལ་སྐྱོད་བརྗོད་བྱས། རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་ཁི་ཧྲི་མུས་ཨར་ལ་བདག་དབང་ཡོད་པའི་འདོད་ཚུལ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།