ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡ་རུ་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་བྱུང་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲི་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཤར་རྒྱུད་ཀྱི་པའོ་ཆི་མངའ་སྡེ་རུ་ཚེས་བཅུ་གཉིས་ཉིན་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཞིག་བྱུང་ནས།  མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། གྲུ་གཟིངས་ཀྱི་དོན་རྐྱེན་དེ་པའོ་ཆི་མངའ་སྡེ་ཡི་དབྱི་ཐ་སི་ཅ་ཏའོ་ས་ཁུལ་དུ་བྱུང་བ་དང་། མི་ཉེར་གསུམ་ཡོད་པའི་གྲུ་གཟིངས་ཤིག་མདུན་ཕྱོགས་སུ་སྐྱོད་བཞིན་པའི་སྐབས་སུ་གློ་བུར་མགོ་རྟིང་ལོག་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་ཀྱི་མི་ལྔ་སྲོག་ཉེན་ལས་བསྐྱབས་པ་དང་། དེ་མིན་སྐྱོབ་མ་ཐུབ་པར་ཤི་སོང་བའི་ཁྲོད་བྱིས་པ་འགའ་ཡང་ཡོད། མི་འདི་དག་གྲུ་ལ་བསྡད་ནས་ཕྱིར་ཞིང་རར་ལོག་པའི་ལམ་བར་ནས་གློ་བུར་བའི་དོན་རྐྱེན་འདི་བྱུང་ཟེར།

གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་ཀྱིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།