ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་བྱང་ཤར་རྒྱུད་ཀྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་སྨན་ཁང་ཞིག་ཏུ་འབར་གས་དོན་རྐྱེན་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་བྱང་ཤར་རྒྱུད་ཀྱི་ཁང་ཉེ་ཏིས་ས་ཁུལ་དུ་ཡོད་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་སྨན་ཁང་ཞིག་ཏུ། ཚེས་བཅུ་གསུམ་ཉིན་འབར་གས་དོན་རྐྱེན་ཞིག་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར།

ཨ་མེ་རི་ཁའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡི་པུའུ་ཀྲང་ལུའོ་པོ་ཐེ·ཝེར་ཅི་ཡིས་ཨ་མེ་རི་ཁའི་སྨྱན་སྦྱོར་སྟེང་སྤེལ་བའི་གསལ་བསྒྲགས་ཤིག་ནང་བཤད་རྒྱུར། ལས་དོན་པུའུ་རུ་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་སྙན་ཞུ་འབྱོར་ནས། ཁང་ཉེ་ཏི་ཀེ་མངའ་སྡེ་ཡི་ཞི་ཧེ་ཝུན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འབར་གས་བྱུང་བ་དང་། འགར་གས་བྱུང་ཡུལ་ནི་སྨན་བཅོས་ཁོངས་གཏོགས་ས་ཁུལ་མིན་པར་བརྟེན། འབར་གས་ལ་བརྟེན་ནས་རྐྱེན་ལམ་དུ་ཤོར་བའི་མི་གཉིས་པོ་ནད་པ་མིན་ཟེར།

ས་གནས་དེ་གའི་དཔོན་རིགས་ཀྱིས་སྨྱན་སྦྱོར་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། འབར་གས་བྱུང་ས་ནི་སྨན་ཁང་གི་ཞིག་གསོ་ས་ཁུལ་ཞིག་ཏུ་བྱུང་ཡོད་ཟེར། མིག་སྔར་གནས་ཚུལ་ལ་བརྟག་དཔྱད་བྱེད་ཀྱིན་པའི་སྒང་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།