ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་ལྔ་དང་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་སོ་གསུམ་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་ལྔ་དང་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་སོ་གསུམ་ལ་བསླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཞེ་དྲུག་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་ཁྲི་བདུན་སྟོང་བདུན་བརྒྱད་བརྒྱ་དང་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་ལྔ་དང་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་སོ་གསུམ་ལ་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བརྒྱད་དང་སུམ་བརྒྱ་བཅུ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་སྟོང་བཞི་ལྔ་བརྒྱ་རེ་བདུན་ལ་བསླེབ་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།