ཨུ་རུ་སིའི་གྱེན་འཕུར་གནམ་གྲུ་ཞིག་ཡཱ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་མཐའ་མཚམས་ཉེ་འདབས་ནས་སར་འཕངས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་མུས-24རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཚེས་དགུ་ཉིན་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་མཐའ་མཚམས་ཀྱི་ཨེ་མེ་ནི་ཡཱའི་ཕྱོགས་ནས་སར་ལྷུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག ཨ་སེ་པེད་ཅང་ཕྱི་འབྲེལ་པུའུ་ཡིས་གྱེན་འཕུར་གནམ་གྲུ་དེ་ཨ་སེ་པེད་ཅང་དམག་ཕྱོགས་ཀྱིས་ནོར་འཆུག་དབང་གིས་སར་འཕངས་པ་ཁས་ལེན་བྱས། 

ཨེ་མེ་ནི་ཡཱའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེ་ཨེ་མེ་ནི་ཡཱའི་ནུབ་ཕྱོགས་ཀྱི་ཨ་སེ་པེད་ཅང་གི་མཐའ་མཚམས་དང་ཉེ་བའི་གྲོང་རོང་དུ་ལྷུང་བ་རེད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བདེན་དཔང་བྱས་དོན། ཨུ་རུ་སིའི་མུས-24རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་དེ་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་ཨེ་མེ་ནི་ཡཱའི་ཕྱོགས་ནས་མཁའ་སྲུང་འཕུར་མདའ་ཕོག་ནས་སར་ལྷུང་བ་རེད་ཟེར། 

ཨ་སེ་པེད་ཅང་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨུ་རུ་སིའི་གྱེན་འཕུར་གནམ་གྲུ་སར་འཕངས་པ་ཁས་ལེན་བྱས་པ་དང་། དེ་ནི་ཐོལ་བྱུང་གི་དོན་རྐྱེན་ཞིག་ཡིན་ལ། དོན་དེའི་ཐད་ནས་ཨུ་རུ་སིའི་ཕྱོགས་ལ་དགོངས་དག་ཞུ་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེ་སྐབས་ཐོག་དེར་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་ནཱ་ཞི་ཅེ་ཝན་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་ཉེ་འདབས་སུ་འཕུར་བཞིན་ཡོད་པ་དང་། མུན་རུབ་པ་དང་གྱེན་འཕུར་གནམ་གྲུ་དེའི་འཕུར་ཚད་ཅུང་དམའ་ལ། མཁའ་སྲུང་ལེ་ཏཱའི་ཚད་འཇལ་གྱི་བར་ཐག་གི་ཕྱི་ན་ཡོད་པས། ཨ་སེ་པེད་ཅང་ཕྱོགས་ཀྱིས་འཕུར་མདའ་བཏང་ནས་སར་འཕངས་པ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།