ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་གོ་ལ་ཧྲིལ་བརོ་ཕྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི5000ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(国际疫情)(2)约翰斯·霍普金斯大学:全球累计新冠确诊病例超5000万例

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་གནས་ཚུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད11དང་སྐར་མ24(པེ་ཅིན་གྱི་དུས་ཚོད་ཚེས9ཉིན་གྱི་ཆུ་ཚོད0དང་སྐར་མ24) བར་འཛམ་གླིང་ཡོངས་སུ་རིམ་རྩིས་བྱས་ན་ཕྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི5000ལས་བརྒལ་ཏེ། ནད་པ50052204ཟིན་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་པ1253110ལ་སླེབས་ཡོད།

གྲངས་གཞི་ལས་མངོན་པ་ལྟར་ན། ཨ་རི་ནི་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ་དང་ཚེ་འདས་ནད་པ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ9879323དང་ཚེ་འདས་ནད་པ237192ཡོད། རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་རྒྱ་གར་དང་པར་ཙིར། ཨུ་རུ་སུ། ཧྥ་རན་སི་སོགས་ཡོད་ལ། རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་པར་ཙིར་དང་། རྒྱ་གར། མོ་ཞི་ཁོ། དབྱིན་ཇི་སོགས་ཡོད་པ་རེད།

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ཞིབ་འཇུག་རྣམ་གྲངས་ཀྱིས་དུས་ཐོག་ཏུ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་ཐོབ་པ་རེད།

གོ་ལ་ཧྲིལ་པོར་མུ་མཐུད་དུ་ཕྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་འཕར་བཞིན་ཡོད། ཡོ་ཧན་སི་·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོ་ནས་རིམ་རྩིས་བྱས་ན་ཟླ9ཚེས17ཉིན་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི3000ལས་བརྒལ་བ་དང་། ཟླ10ཚེས19ཉིན་ཁྲི4000ལས་བརྒལ་བ་རེད། ནད་རྟགས་ཐག་བཅད་པའི་ནད་པ་ཁྲི3000ནས་ཁྲི4000སླེབས་པར་ཉིན32དང་། ཁྲི4000ནས་ཁྲི5000སླེབས་པར་ཉིན20ལས་འགོར་མེད་པ་རེད། །


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།