ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་ལྔ་ཉིན་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་སླར་གསོ་བྱེད་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ནཱ་ཁཱ་ས་ཁུལ་གྱི་གནས་བབ་ཉེ་སྔོན་སྔར་བཞིན་ཛ་དྲག་ཡིན་པ་དང་། དྲག་ཆས་འཁྲུག་རྩོད་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། དམངས་བཀོལ་སྒྲིག་ཆས་དག་དཔུང་འཇུག་གི་དམིགས་འབེན་དུ་གྱུར་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཚད་མཐོན་པོའི་སྒོ་ནས་རང་ཚོད་བཟུང་སྟེ། མི་སེར་དཀྱུས་མར་ཆམ་ཕབ་ཐེབས་པར་སྔོན་འགོག་བྱེད་པ་དང་། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་མི་རུང་བར་མ་ཟད། དོན་དངོས་འགུལ་སྐྱོད་ལས་འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཀའོ་ཅཱ་སོ་ཕྱི་རོལ་ས་ཁུལ་དེ་འཇིགས་སྐུལ་རིང་ལུགས་ཀྱི་སྦས་སྐོང་བྱེད་ས་གསར་བར་འགྱུར་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་དབུས་ཤར་ས་ཁུལ་ནས་ནཱ་ཁཱ་ས་ཁུལ་དུ་ཡོང་གིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།