ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཁཱ་པོར་སློབ་ཆེན་ལ་འཇབ་རྒོལ་ཐེབས་ཏེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཨ་ཧྥུའུ་ཧན་གྱི་ཁཱ་པོར་ནས། དམག་དཔུང་གི་རླངས་འཁོར་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཡུལ་དངོས་དང་འབྲལ་བཞིན་པ། 

2.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཨ་ཧྥུའུ་ཧན་གྱི་ཁཱ་པོར་ནས། དམག་དཔུང་གི་རླངས་འཁོར་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཡུལ་དངོས་དང་འབྲལ་བཞིན་པ། 

3.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཨ་ཧྥུའུ་ཧན་གྱི་ཁཱ་པོར་ནས། འཇབ་རྒོལ་ཐེབས་མཁན་ལ་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་པ། 

4.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཨ་ཧྥུའུ་ཧན་གྱི་ཁཱ་པོར་ནས། འཇབ་རྒོལ་ཐེབས་མཁན་ལ་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་པོར་ནུབ་ངོས་ཀྱི་ཁཱ་པོར་སློབ་ཆེན་ལ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས། མིག་སྔར་འཁྲུག་རྩོད་མཇུག་སྒྲིལ་བ་དང་། འཇབ་རྒོལ་མཁན་གསུམ་དང་བཅས་པའི་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཨ་ལི་ཨན་གྱིས་བཅར་འདྲི་བྱེད་སྐབས་བཤད་རྒྱུར། ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཅུའི་ཡས་མས་སུ། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཁཱ་པོར་སློབ་ཆེན་གྱི་ཤར་སྒོའི་ཁར་འགད་རྫས་འགས་གཏོར་བཏང་སྟེ་སློབ་ཆེན་གྱི་ར་སྐོར་དུ་ཡོང་བ་དང་། དེའི་རྗེས་སུ་འབྱོར་བའི་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས། མིག་སྔར་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་གཙང་ཕྱགས་འགུལ་སྐྱོད་མཇུག་སྒྲིལ་ཡོད་པ་དང་། འཇབ་རྒོལ་མཁན་གསུམ་བསད་པ་རེད་ཟེར། 

ཨ་ལི་ཨན་གྱིས་ད་རུང་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཁཱ་པོར་སློབ་ཆེན་གྱི་ར་སྐོར་ནས་དགེ་སློབ་བརྒྱ་ཕྲག་འགའ་བསྐྱབས་ཡོད་ཀྱང་། སློབ་མ་དང་བཅས་པའི་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར། 

ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ས་དེའི་ཕྱི་དྲོའི་དུས་ཚོད་གསུམ་ཡས་ཡས་སུ། ཁཱ་པོར་སློབ་ཆེན་གྱི་ར་སྐོར་དུ་བསྟུད་མར་འགས་གཏོར་ཐེངས་གསུམ་བྱུང་བ་དང་། འགས་གཏོར་ལས་བྱུང་བའི་དུད་ནག་རྒྱང་རིང་ནས་གསལ་བོར་མཐོང་ཐུབ་ཟེར། 

ཁཱ་པོར་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་གི་ཀྲུང་གོའི་ཕྱོགས་ཀྱི་གླིང་གཙོ་ཝེ་གོ་ཆང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཁུང་ཙིའི་སློབ་གླིང་གི་དགེ་རྒན་ལ་གནོད་པ་ཅི་ཡང་བྱུང་མེད་ཟེར། ཁཱ་པོར་སློབ་ཆེན་གྱི་ཚོམས་ཁང་དང་སློབ་ཁྲིད་ཐོག་ཁང་ཆེན་མོའི་འཛུགས་སྐྲུན་ལས་གཞིའི་ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་ཀྱི་འགན་ཁུར་བས་བཤད་རྒྱུར། མིག་སྔར་ལས་གཞི་དེའི་ཀྲུང་གོའི་ལས་བཟོ་བ་ཚང་མ་བདེ་འཇགས་ཡིན་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།