ཝེ་ཡེ་ནཱ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།

1.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་དགོང་མོར། ཉེན་རྟོག་པས་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱའི་སྲང་ལམ་དུ་སྐོར་གཡེང་བྱེད་བཞིན་པ། 

2.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་དགོང་མོར། ཉེན་རྟོག་པས་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱའི་སྲང་ལམ་དུ་སྐོར་གཡེང་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་ཚེས་གཉིས་ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག 

དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། ཝེ་ཡེ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཡིའུ་ཐེ་བའི་ཆོས་ཁང་གི་ཉེ་འདབས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར། དེའི་ནང་ཉེན་རྟོག་པ་གཅིག་འདུས། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མེ་མདའ་བཟུང་བའི་མི་མང་བོ་འཇབ་རྒོལ་དེའི་ནང་ཞུགས་པ་དང་། དེའི་ནང་མི་གཅིག་བྲོས་བྱོལ་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ཉོ་ཚོང་ལྟེ་གནས་ཤིག་གི་མཐའ་བསྐོར་ཡོད་པ་དང་། འཇབ་རྒོལ་མཁན་གྱིས་མི་གཏའ་བཙན་ཁྲིད་བྱས་ཡོད། 

ཨོ་སི་ཁྲུ་རི་ཡཱའི་ནང་སྲིད་པུའུ་ཀྲང་ནེ་ཧཱ་མའོ་ཡིས་ཉིན་དེར་བསྟན་དོན། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་མངོན་གསལ་རེད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།