ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱ་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨེ་ཙེ་ཨོ་ཕི་ཡཱའི་གྲོས་ཁང་གི་ཁོངས་སུ་གཏོགས་པའི་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་ལྷོ་ཕྱོགས་ཀྱི་ཨོ་ལོ་མུས་ཡཱ་ཀྲིག་ནས་ཚེས་གཅིག་ཉིན་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཚེས་གཅིག་ཉིན་བྱུང་བ་དང་། གཙོ་བོ་ཨོ་ལོ་མུས་ཡཱ་ཀྲིག་ཏུ་འཚོ་སྡོད་བྱེད་པའི་ཨ་མུའུ་ཧཱ་ལཱ་རིགས་ལ་དམིགས་པ་རེད། འཇབ་རྒོལ་མཁན་དྲུག་ཅུ་ལྷག་གིས་ཨ་མུའུ་ཧཱ་ལཱ་རིགས་ཀྱི་མི་མང་བོ་ཁྱིམ་ནས་ཁྲིད་པའམ་དམར་གསོད་བཏང་། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་འདུས་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་ཨོ་ལོ་མའོ་བཅིངས་འགྲོལ་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་སྐྱོན་འཛུགས་བྱས། 

ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཀྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ངེས་གཏན་ཡོད་པའི་མི་ཚོགས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། སྲིད་གཞུང་གིས་ས་ཁུལ་དེར་བདེ་འཇགས་དམག་དཔུང་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།