ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡས་རྒྱལ་ཡོངས་སུ་བཀག་སྡོམ་བྱེད་ཐབས་ཡང་བསྐྱར་ལག་བསྟར་བྱས་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚིས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨོ་སི་ཁྲུ་རི་ཡས་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀག་སྡོམ་བྱེད་ཐབས་ཡང་བསྐྱར་ལག་བསྟར་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་རྒྱུ་ཡིན་ཟེར།

ཁུའུ་ཨར་ཚིས་ཀྱིས་ཉིན་དེའི་ཕྱི་དྲོར་ཚོགས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན།  བཀག་སྡོམ་ཐེངས་གཉིས་པ་དེ་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་ནམ་གུང་ནས་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ལག་བསྟར་བྱེད་རྒྱུ་དང་དེའི་སྐབས་སུ་ཉིན་རེའི་ཆུ་ཚོད་ཉི་ཤུ་ནས་ཕྱི་ཉིན་གྱི་ཆུ་ཚོད་དྲུག་བར་མཚན་བཀག་བྱེད་རྒྱུ་ཡིན་པས་སྡོད་མི་ རྣམས་ཅིས་ཀྱང་སྡོད་གནས་དང་ཁ་བྲལ་མི་ཆོག་པ་དང་། གློག་བརྙན་ཁང་དང་ཟློས་གར་ཁང་སོགས་རིག་གནས་སྤྲོ་གསེང་རོལ་རྩེད་ཁང་གི་སྒོ་རྒྱག་རྒྱུ་ཡིན་ཟེར།

ཁུའུ་ཨར་ཚིས་ཀྱིས་ཉིན་དེའི་དགོང་མོར་རྒྱལ་ཡོངས་ལ་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མང་ཚོགས་རྣམས་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། རིམས་འགོག་གཏན་འཁེལ་བརྩི་སྲུང་ནན་མོ་བྱེད་པ་དང་། མི་སྒེར་གྱི་འགན་འཁྲི་དང་ལེན་བྱེད་དགོས་པར་མ་ཟད། རིམས་ནད་ཀྱིས་བཟོས་པའི་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།