མཱ་ཀུའུ་ཧྥུའུ་ལི་ཡིས་བསྟུད་མར་ཐན་ཙན་ནི་ཡཱའི་ཙུང་ཐུང་གི་འགན་ཁུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཐན་ཙན་ནི་ཡཱ་རྒྱལ་ཁབ་ཀྱི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་འཛིན་ཏང་གསར་བརྗེ་ཏང་གི་འདེམ་སྒུག་མི་སྣ། ད་ལྟའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ལ་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་བསྟུད་འགན་ཁུར་ཐུབ་པ་བྱུང་ཡོད་ཟེར། 

བསྡོམས་རྩིས་མཇུག་འབྲས་ལྟར་ན། མཱ་ཀུའུ་ཧྥུའུ་ལི་ལ་འདེམ་ཤོག་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་གཅིག་ཙམ་ཐོབ་པ་དང་། དེའི་འགྲན་ཡ་གཙོ་བོ། དམངས་གཙོ་འཕེལ་རྒྱས་ཏང་གི་འདེམ་སྒུག་པ་ལེ་སུའུ་ལ་འདེམ་ཤོག་ས་ཡ་གཅིག་དང་འབུམ་དགུ་ཁྲི་གསུམ་ཙམ་ཐོབ་ཡོད། 

མཱ་ཀུའུ་ཧྥུའུ་ལི་ཡིས་འགྲན་རྩོད་བྱེད་སྐབས་བཏོན་པའི་སྲིད་འཛིན་རྩ་གནད་ལ་ཤུགས་ཆེན་པོའི་སྒོ་ནས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བ་དང་། ཞིང་ལས་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ། མུ་མཐུད་དུ་བྱེད་ཐབས་སྤྱད་དེ་དབུལ་ཕོངས་སེལ་བ་དང་། ལས་ཞུགས་རྒྱ་བསྐྱེད་པ། སྒེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་འདུས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།