ལཱ་ཧི་མིན་གྱིས་དམ་བཅའ་བཞག་སྟེ་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། བསྟུད་འགན་ཁུར་བའི་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་རྒྱལ་ས་ཏུའུ་ཧྲང་པེ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ལས་འགན་ཁུར་བའི་མཛད་སྒོའི་སྟེང་། ལཱ་ཧི་མིན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ནམ་ཡང་བློ་དཀར་བའི་དམ་བཅའ་བཞག་པ་དང་། འདེམ་དམངས་དག་གིས་རང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མ་འོངས་པའི་ལོ་ངོ་བདུན་གྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་རྒྱས་བཤད་བྱས། 

ཐཱ་ཅི་ཁི་སི་ཐན་གྱིས་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ད་ལྟའི་ཙུང་ཐུང་ལཱ་ཧི་མིན་ལ་བརྒྱ་ཆའི་དགུ་བཅུའི་ཡན་གྱི་འདེམ་ཤོག་ཐོབ་ནས་བདེ་བླག་ངང་བསྟུད་འགན་ཁུར་ཐུབ་པ་བྱུང་བ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།