ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ལ་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལའི་ཙུང་ཐུང་ཉི་ཀུའུ་ལ་སི.མ་ཏུའུ་ལའོ་ཡིས་ཚེས་ཉེར་བརྒྱད་ཉིན་བདེན་དཔང་བྱས་པ་ལྟར་ན། བྱང་རྒྱུད་ཀྱི་ཨ་མུའུ་ཨེའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ལ་ཚེས་ཉེར་བདུན་འཇབ་རྒོལ་ཐེབས་ཟེར། ཁོས་བཤད་རྒྱུར། འཇབ་རྒོལ་བྱེད་མཁན་གྱིས་ཤུགས་ཡོད་མཚོན་ཆས་སྤྱད་དེ་འཇིགས་སྐུལ་འཇབ་རྒོལ་སྤེལ་བ་དང་། ལྐོག་ཇུས་འདོན་མཁན་ནི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་གཙོ་བོ་ཧུའུ་ཨན.ཀྭ་དབྱི་ཏའོ་རེད་ཟེར།

མ་ཏུའུ་ལའོ་ཡིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཁྲོད་བཤད་རྒྱུར། འཇིགས་སྐུལ་མི་སྣས་ཚེས་ཉེར་བདུན་ཉིན་ནུབ་བྱང་རྒྱུད་ཀྱི་ཧྥ་ཨེར་ཁུང་ཀྲིག་གི་ཨ་མུའུ་ཨེ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་འཇབ་རྒོལ་བྱས་ནས། རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་སྟེགས་བུ་ཞིག་ལ་གཏོར་བརླག་ཐེབས་ཟེར།

ཝེ་ནེ་ཙུའེ་ལའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་ཁྲོད་མི་སྣར་རྨས་སྐྱོན་ཐེབས་མེད་ཟེར།

མ་ཏུའུ་ལའོ་ཡིས་འཇབ་རྒོལ་དེར་ཀྭ་དབྱི་ཏའོ་ཡིས་འགོ་ཁྲིད་བྱས་པའི་འཇིགས་སྐུལ་ཚོགས་པས་འཆར་འགོད་བྱས་པ་ཡིན་ལ། ཨ་མེ་རི་ཀ་དང་ཡོ་རོབ་གླིང་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།