ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་སྐབས་གསར་བའི་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སེར་ཝེ་ཡཱའི་སྐབས་གསར་བའི་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། པུའུ་ཨར་ནཱ་པུས་ཆི་ཡིས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་བ་རེད། 

སེར་ཝེ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས་ཉེར་བརྒྱད་ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། འདེམ་ཤོག་ཉིས་བརྒྱ་དང་ཉེར་བདུན་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ལྔས་ངོ་རྒོལ་བྱས་པའི་བརྡས་གཅོད་མཇུག་འབྲས་ཀྱིས་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིའི་མིང་ཐོར་གྲོས་འཆམ་བྱུང་། སྐབས་གསར་བའི་སྲིད་གཞུང་དེ་པུའུ་ཨུ་ཉེར་གཅིག་གིས་གྲུབ་ཡོད་པ་དང་། པུའུ་ཀྲང་གི་ལས་གནས་ཉེར་གསུམ་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་མི་གཉིས་ནི་འགན་མེད་པའི་པུའུ་ཀྲང་རེད། སྐབས་སྔོན་མའི་སྲིད་གཞུང་དང་བསྡུར་ན། སྲིད་གཞུང་གསར་བས་ཞིང་སྡེའི་ལས་དོན་པུའུ་དང་དུད་ཁྱིམ་ལས་དོན་པུའུ། འགྲོ་མིའི་ཐོབ་ཐང་དང་སྤྱི་ཚོགས་གྲོས་མོལ་པུའུ་བཅས་ཁ་སྣོན་བྱས་ཡོད། 

པུའུ་ཨར་ནཱ་པུས་ཆི་ཡིས་གྲོས་ཁང་ནས་སྲིད་སྐྱོང་རྩ་གནད་མཚམས་སྦྱོར་བྱས། དེའི་ནང་དོན་ལ་མུ་མཐུད་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་། འཕྲོད་བསྟེན་མ་ལག་ལ་ཤུགས་སྣོན་པ། རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ། རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་སོགས་འདུས། ཕྱི་འབྲེལ་ཐད་ནས་པུའུ་ཨར་ནཱ་པུས་ཆི་ཡིས་བསྟན་དོན། སྲིད་གཞུང་གསར་བས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དེ་དམིགས་འབེན་གཙོ་བོར་བྱས་ཡོད་པ་དང་། མུ་མཐུད་དུ་ཨུ་རུ་སི་དང་ཀྲུང་གོ་སོགས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།