ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། 

ཧྲའོ་དབྱེ་ཀུའུ་ཉིན་དེར་བརྙན་རིས་རྣམ་པས་སྤེལ་བའི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཅང་མ་འགོར་བའི་སྔོན་དུ་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཆབ་སྲིད་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག མི་ལ་ལས་ཨུ་རུ་སིའི་སྲིད་དབང་བསྒྱུར་བའི་གཡོ་ཇུས་འཐེན་ནས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་གཏོར་བརླག་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་། ཨ་མེ་རི་ཁས་མདོག་ལྡན་གསར་བརྗེ་སྤེལ་བ་བརྟེན་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་རྒྱལ་ཁར་རེ་འགའི་གནས་བབ་ཛ་དྲག་ཏུ་བཏང་བར་མ་ཟད། ཆབ་སྲིད་གནས་བབ་ཐད་རྙོག་དྲ་བཟོས། ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོའི་བྱ་སྤྱོད་དེ་རིགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་གཏོར་བརླག་བྱས་ཡོད་ལ། བདག་དབང་རྒྱལ་ཁབ་ཀྱི་ཁེ་ཕན་སྣང་མེད་དུ་བསྐྱུར་བ་རེད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དཀར་པོ་ནི་ནམ་ཡང་ཨུ་རུ་སིའི་འབྲེལ་བ་ཟབ་པའི་ཁྱིམ་མཚེས་དང་འགྱུར་བ་མེད་པའི་མནའ་མཐུན་གྲོགས་པོ་དང་འཐབ་ཇུས་གྲོགས་པོ་ཡིན་ཟེར། 

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་བློན་ཆེན་ཧི་ལེ་ཉིན་གྱིས་བཤད་རྒྱུར། རྒྱལ་ཁབ་རེ་འགས་ཨུ་རུ་སི་དཀར་པོའི་སྲིད་དབང་བསྒྱུར་རྩིས་བྱས་ཀྱང་། ཨུ་རུ་སི་དཀར་པོའི་སྲིད་གཞུང་དང་མི་དམངས་ཀྱི་མཐུན་སྦྱོར་འོག ཁོ་ཚོའི་དམིགས་ཡུལ་མངོན་འགྱུར་བྱུང་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།