ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་འབྲེལ་བའི་གྲོས་མོལ་གྱི་དུས་ཡུན་ཡང་བསྐྱར་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟི་ཡིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉོ་ཚོང་གྲོས་མཐུན་གཙོ་བྱས་པའི་མ་འོངས་པའི་འབྲེལ་བའི་གྲོས་མོལ་སླར་གསོ་བྱས་རྗེས། ཚེས་ཉེར་ལྔ་ཉིན་མཇུག་སྒྲིལ་བར་ཐག་བཅད་ཡོད་པའི་དུས་རིམ་དང་པོའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་དུ་བཏང་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ལོན་ཏོན་ནས་སྤེལ་བར་ཐག་བཅད་པའི་གྲོས་མོལ་དེའི་དུས་ཡུན་ཚེས་ཉེར་བརྒྱད་ཉིན་བར་ཇེ་རིང་དུ་བཏང་། ཚེས་ཉེར་དགུའི་ཉིན་ནས་བཟུང་མུ་མཐུད་དུ་པུའུ་ལུའུ་སེར་ནས་གྲོས་མོལ་སྤེལ་རྒྱུ་རེད། དབྱིན་ཇིའི་ཨིར་ལན་བྱང་མའི་ལས་དོན་བློན་ཆེན་ལིའུ་དབྱེ་སི་ཡིས་བཤད་རྒྱུར། གྲོས་མོལ་གྱི་དུས་ཡུན་ཇེ་རིང་དུ་བཏང་བ་ལས་གྲོས་མཐུན་འགོད་ཐུབ་པའི་སྣང་ཚུལ་བཟང་བོ་ཞིག་མཚོན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།