ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ནེ་ཀི་ཡིས་པཱ་ལིན་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ནེ་ཀི་ཡིས་ཉིན་དེར་དབྱི་སི་རལ་དང་པཱ་ལིན་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད་ཟེར། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ནེ་ཀི་ཡིས་གྲོས་མཐུན་དེར་ཆོག་མཆན་བཀོད་དེ་གྲོས་མཐུན་དེ་གྲོས་ཚོགས་ལ་སྤྲོད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མཐུན་དེར་ནེ་ཀིའི་ཆོག་མཆན་ཐོབ་རྗེས་གྲོས་ཁང་ལ་སྤྲད་ནས་བརྡས་ཐག་གཅོད་དུ་འཇུག་རྒྱུ་ཡིན་པ་དང་། དེའི་རྗེས་སུ་གྲོས་མཐུན་ལ་ད་རུང་ནེ་ཀི་ཡིས་མཇུག་མཐའི་ཆོག་མཆན་འགོད་དགོས་ཟེར། 

དབྱི་སི་རལ་གྱི་ནེ་ཀི་ཡིས་ཚེས་ལྔ་ཉིན་ཆེས་མཇུག་མཐར་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད། གྲོས་མཐུན་དེར་ཚེས་བཅུ་གཉིས་ཉིན་དབྱི་སི་རལ་གྱི་ནེ་ཀི་ཡི་ཆོག་མཆན་ཐོབ་པ་དང་། ཚེས་བཅོ་ལྔ་ཉིན་དབྱི་སི་རལ་གྲོས་ཁང་གི་ཆོག་མཆན་ཐོབ་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།