ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོར་པྲོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་པ42512186ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས25ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། རིམ་རྩིས་བྱས་ན་གོ་ལ་ཧྲིལ་པོར་པྲོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་པ42512186སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས25ཉིན་གྱི་ཆུ་ཚོད་14དང་སྐར་མ09(པེ་ཅིང་གི་དུས་ཚོད་ཆུ་ཚོད20དང་སྐར་མ09བར)བར་གོ་ལ་ཧྲིལ་པོར་གཏན་འཁེལ་བྱས་པའི་ནད་པ་དེ་སྔོན་ཉིན་དང་བསྡུར་ན་438633མང་དུ་ཕྱིན་ཏེ 42512186སླེབས་པ་དང་། ཚེ་འདས་ནད་པ5669འཕར་ནས1147301ལ་སླེབས་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།