ཀྲུང་གོ་བོད་ཀྱི་དྲ་བ།

སེ་ཧྲིར་གྱིས་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སེ་ཧྲིར་གྱི་ཙུང་ཐུང་དང་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་ཉེར་གཉིས་ཉིན་ནས་མགོ་བརྩམས་པ་དང་། འདེམ་ཤོག་འཕེན་པའི་བྱ་བ་དེ་ཚེས་ཉེར་བཞིའི་ཉིན་མཇུག་སྒྲིལ་རྒྱུ་ཡིན་ལ། འདེམ་ཤོག་རྩིས་ལེན་གྱི་ཐོག་མའི་མཇུག་འབྲས་དེ་ཚེས་ཉེར་བཞི་ཉིན་གྱི་དགོང་མོ་དང་ཡང་ན་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་ཁྱབ་སྒྲོག་བྱེད་རྒྱུ་རེད། 

སེ་ཧྲིར་གྱི་ད་ལྟའི་ཙུང་ཐུང་། མཉམ་འབྲེལ་སེ་ཧྲིར་ཏང་གི་འདེམ་སྒུག་པ་ཏན་ནེ་ཧྥུའུ་ཨར་གྱིས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་བཞིན་ཡོད། འདེམ་བསྐོར་ཞུགས་མཁན་ལ་ད་རུང་ངོ་རྒོལ་ཏང་ཁག་གཙོ་བོ། སེ་ཧྲིར་དམངས་གཙོ་མནའ་འབྲེལ་གྱི་འདེམ་སྒུག་པ་ཝེ་ཝེ་ཨར་ལཱ་མུའུ་ཁཱ་ལཱ་ཝང་དང་སེ་ཧྲིར་ཏང་ཁག་གཅིག་གི་འདེམ་སྒུག་པ་ཨ་ལན་ཧྲིན་ཨན་རི་བཅས་ཡོད། 

སེ་ཧྲིར་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཐོ་འགོད་བྱས་པའི་འདེམ་དམངས་ཁྲི་བདུན་ལྷག་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་རེད། སེ་ཧྲིར་དེ་གླིང་ཕྲན་ཆེ་ཆུང་བརྒྱ་དང་བཅོ་ལྔས་གྲུབ་པ་ཡིན་པས་འདེམ་ཤོག་འཕེན་པའི་ཡུན་ཚད་ནི་ཉིན་གསུམ་ཡིན་པ་དང་། འདེམ་ཤོག་འཕེན་པའི་བྱ་བ་དེ་ཚེས་ཉེར་བཞིའི་ཉིན་མཇུག་སྒྲིལ་རྒྱུ་རེད། 

སེ་ཧྲིར་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། སེ་ཧྲིར་ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་པ་རེད། གལ་ཏེ་འདེམ་སྒུག་མི་སྣ་གང་རུང་ལ་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ལྔ་བཅུའི་ཡན་གྱི་འདེམ་ཤོག་ཐོབ་ནས་ཐད་ཀར་བདམས་ཐོན་མ་བྱུང་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་བསྐོ་ལ་ཞུགས་དགོས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།