ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ལྷོ་ངོས་ཀྱི་ཞིན་ཏི་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་བདུན་བསད་ཟེར། 

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ལ་གསང་འཕྲིན་འབྱོར་བ་ལྟར་ན། དྲག་ཆས་ཉེས་ཅན་སྐོར་ཞིག་ཞིན་ཏི་ཞིང་ཆེན་གྱི་ལཱ་ཁི་ཁཱ་ནཱ་ས་ཁུལ་གྱི་ནགས་ཁྲོད་དུ་སྦས་སྐོང་བྱས་ཡོད་པ་ཤེས། ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་འགུལ་སྐྱོད་སྤེལ་ཏེ་དྲག་ཆས་ཉེས་ཅན་དེ་དག་དང་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་མཐར་དྲག་ཆས་ཉེས་ཅན་བདུན་བསད་པ་རེད་ཟེར། 

བསྒྲགས་པ་ལྟར་ན། དྲག་ཆས་ཉེས་ཅན་དེ་དག་གྱོད་དོན་མང་བོར་འབྲེལ་བ་ཡོད་པས་འཛིན་བཟུང་བཀའ་རྒྱ་བཏང་ཡོད། ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་དེ་དག་གི་སྦས་སྐོང་བྱེད་སར་གཏོར་བཤིག་བཏང་བ་དང་། མཚོན་ཆ་མང་བོ་རྩད་ཆོད་པར་མ་ཟད་ཉེ་འདབས་ས་ཁུལ་དུ་སྔོག་བཤེར་བྱ་འགུལ་སྤེལ་བ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།