ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་འགོ་ཁྲིད་པ་དང་ཕིན་ཕའེ་ཨོ་ཡིས་ཁ་པར་བརྒྱུད་དེ་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ཁྲོད་ནས་སུའུ་ཏན་ལེན་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ཁྲོད་ནས་སུའུ་ཏན་ལེན་པའི་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཕིན་ཕའེ་ཨོ་ཡིས་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ཁྲོད་ནས་སུའུ་ཏན་ལེན་པའི་ལས་རིམ་སྤེལ་རྒྱུ་ཡིན་པ་དང་། ཆོད་དོན་དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་ཟེར། 

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཕིན་ཕའེ་ཨོ་དང་ཧཱ་མུའུ་ཏུའུ་ཁི་གཉིས་ཀྱིས་ཁ་པར་གཏོང་སྐབས་ཐི་ལིང་ཕུའུ་ཡིས་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ཁྲོད་ནས་སུའུ་ཏན་ལེན་རྒྱུ་ཁས་ལེན་བྱས་པར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས་ད་རུང་སུའུ་ཏན་དང་དབྱི་སི་རལ་གྱི་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།