ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་སུའུ-34རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཡོན་ཏུང་ས་ཁུལ་ནས་སར་ལྷུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་སུའུ-34རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཚེས་ཉེར་གཅིག་ཉིན་ཡོན་ཏུང་ས་ཁུལ་གྱི་ཧཱ་པཱ་ལོ་ཧྥུའུ་སི་ཁི་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་ཟེར། 

ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་གནམ་གྲུ་དེས་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། འཕུར་སྐྱོད་མཁན་གནམ་གྲུ་ལས་ཕྱིར་ལྡང་ནས་བདེ་འཇགས་ངང་སར་འབབ་ཐུབ་པ་བྱུང་། གནམ་གྲུ་སར་ལྷུང་བ་ལས་ས་ངོས་ཀྱི་སྒྲིག་ཆས་གང་རུང་ལ་གཏོར་བརླག་བཟོས་མེད་ཟེར། 

ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་རྟོག་ཞིབ་ཚན་ཆུང་མངག་ནས་དོན་རྐྱེན་བྱུང་སར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།