ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་གྱི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཅིར་ཅི་སི་སི་ཐན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། 

ཉིན་དེར་སྤེལ་བའི་གྲོས་ཚོགས་སྟེང་། ཅིར་ཅི་སི་སི་ཐན་གྱི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ད་རུང་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་བའི་རྩ་འཛུགས་གྲ་སྒྲིག་བྱེད་ཐབས་དང་སྔོན་རྩིས་སོགས་འབྲེལ་ཡོད་འཆར་གཞི་གཏན་འབེབས་བྱས། 

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཚབ་མ། ཙུང་ལི་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི་ཀའེ་ཨར་མན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཡོངས་བསྒྲགས་མངོན་གསལ་གྱི་རྩ་དོན་འོག་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།