ཀྲུང་གོ་བོད་ཀྱི་དྲ་བ།

མའོ་སིང་པུས་ཁིའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཀྲུང་གོས་དུས་ཡུན་རིང་བོར་མའོ་སིང་པུས་ཁིའི་ཞི་བདེའི་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཉིག་ཞི་ཡིས་ཉིན་དེར་མའོ་སིང་པུས་ཁིའི་ཙུང་ཐུང་བཞུགས་ཤག་ནས་མའོ་སིང་པུས་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཝང་ཧི་ཅོན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་སོགས་ཀྱི་ཐད་ནས་མཛའ་མཐུན་ལྡན་པའི་གྲོས་མོལ་བྱས། ཉིག་ཞི་ཡིས་མའོ་སིང་པུས་ཁི་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། མ་འོངས་པར་ཀྲུང་གོའི་བར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཁེ་ཕན་བསྐྲུན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།