ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་ཆད་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་དེ་ཚེས་ཉེར་གཅིག་ཉིན་མུ་མཐུད་དུ་མཚམས་ཆད་མེད། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཕྱོགས་གཉིས་ཀྱིས་ཧྥུའུ་ཙུའུ་ལེ་དང་ཨ་ཏཱ་ལཱ་སོགས་ས་ཁུལ་གྱི་འཁྲུག་རྩོད་མུ་མཐུད་དུ་མཚམས་ཆད་མེད་ལ། ཨ་སེ་པེད་ཅང་ཕྱོགས་ཀྱིས་ཨེ་མེ་ནི་ཡཱའི་མི་བསྡད་མེད་པའི་གནམ་གྲུ་གསུམ་སར་འཕངས་ཡོད་ཟེར། 

ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཉིན་དེར་ནཱ་ཁཱ་ས་ཁུལ་རྒྱལ་མཚམས་ཀྱི་ལྷོ་བྱང་ཕྱོགས་གཉིས་སུ་འཁྲུག་རྩོད་སྔར་བཞིན་བྱུང་ཟེར། ནཱ་ཁཱ་ས་ཁུལ་གྱི་དམག་དོན་སྡེ་ཁག་གིས་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་འཁྲུག་རྩོད་བྱུང་བའི་ཚུན་ལ། ནཱ་ཁཱ་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བའི་དམག་མིའི་ཁ་གྲངས་བརྒྱད་བརྒྱ་དང་སོ་བཞིར་སླེབས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།