ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མ་འོངས་པའི་འབྲེལ་བའི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་འབྲེལ་བའི་གྲོས་མོལ་དེ་ཚེས་ཉེར་གཉིས་ཉིན་ཡང་བསྐྱར་འགོ་རྩོམ་རྒྱུ་ཡིན་ཡང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་ཐབས་མེད་པའི་སྣང་ཚུལ་འབྱུང་ཡང་སྲིད་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་གྲོས་མོལ་དུས་རིམ་གྱི་རྩ་དོན་རེ་འགའ་གཏན་འཁེལ་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། དུས་རིམ་དང་པོའི་གྲོས་མོལ་དེ་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ལོན་ཏོན་ནས་སྤེལ་རྒྱུ་ཡིན་ཟེར། 

དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་བསྟན་དོན། གྲོས་མོལ་གྱི་ཆེས་དཀའ་སྡུག་ཆེ་བའི་ཁྱབ་ཁོངས་སུ་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ལངས་ཕྱོགས་ལ་སྔར་བཞིན་འགལ་བ་ཆེན་པོ་ཡོད་ཟེར། ཕྱོགས་གཉིས་ཀྱིས་གསལ་བོར་བསྟན་དོན། གྲོས་མཐུན་འགོད་པར་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། གྲོས་མོལ་དེ་ལེགས་འགྲུབ་མི་འབྱུང་ཡང་སྲིད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།