ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཨུ་རུ་སིའི་བར་ཉམས་སད་ཐེག་པའི་དམག་དོན་ཚོད་འཛིན་གྱི་གྲོས་མཐུན་འགོད་པའི་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་བར་མྱུར་དུ་གྲོས་མོལ་བྱས་ནས། ཉམས་སད་ཐེག་པའི་དམག་དོན་ཚོད་འཛིན་གྱི་གྲོས་མཐུན་ཞིག་འགོད་པར་གྲ་སྒྲིག་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་ཉིང་རྡུལ་ནུས་པའི་དམག་དོན་ཚོད་འཛིན་གནད་དོན་ཐད་ནས་གྲུབ་འབྲས་ཐོབ་པར་རེ་བའི་འདོད་བློར་གཟེངས་བསྟོད་བྱས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་བར་མྱུར་དུ་གྲོས་མོལ་བྱས་ནས་ཉམས་སད་ཐེག་པའི་གྲོས་མཐུན་འགོད་པར་གྲ་སྒྲིག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།