ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་མཉམ་དུ་ཉིང་རྡུལ་ནུས་པའི་མདེལ་མགོའི་ཁ་གྲངས་ཚོད་འཛིན་བྱེད་པའི་འོས་འགན་ཁུར་དུ་ལེན་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་ཉིང་རྡུལ་ནུས་པའི་མདེལ་མགོའི་ཁ་གྲངས་ཚོད་འཛིན་བྱེད་པའི་འོས་འགན་ཁུར་དུ་ལེན་འདོད་ཡོད་པ་དང་། ཨ་མེ་རི་ཁས་ཨུ་རུ་སི་ཡིས་བཏོན་པའི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་བའི་གྲོས་གཞི་ལ་ལན་དངོས་སུ་སྟེར་བར་རེ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་སང་ལོར་ཡུན་ཚད་ལོངས་པའི་འཐས་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་དེ་ཆ་རྐྱེན་ཅི་ཡང་མེད་པར་ལོ་གཅིག་གིས་ཇེ་རིང་དུ་གཏོང་དགོས་ཟེར། དོན་དེའི་ཐད་ནས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་གྲོས་གཞིར་དངོས་སུ་ལན་བྱིན་མེད་པ་རེད། 

གསལ་སྒྲོག་ལས་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་མཉམ་དུ་ཆབ་སྲིད་ཀྱི་དམ་བཅའ་བཞག་སྟེ། ཆིངས་ཡིག་གི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་སྐབས་སུ་ཕྱོགས་གཉིས་ཀྱི་ཉིང་རྡུལ་ནུས་པའི་མདེལ་མགོའི་ཁ་གྲངས་ཚོད་འཛིན་བྱེད་པར་གྲ་སྒྲིག་བྱས་ཡོད། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཇུས་གཞི་དེ་དང་ལེན་བྱེད་ན། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་སྐབས་སུ། ཕྱོགས་གཉིས་ཀྱིས་མ་འོངས་པའི་ཉིང་རྡུལ་དམག་ཆས་ཚོད་འཛིན་གནད་དོན་སྐོར་གྱི་གྲོས་མོལ་རབ་དང་རིམ་པ་སྤེལ་ཆོག་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།