ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་འབུམ་གཉིས་ཁྲི་ལྔ་སྟོང་གཅིག་དགུ་བརྒྱ་ལྔ་བཅུར་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཆེས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་འབུམ་གཉིས་ཁྲི་ལྔ་སྟོང་གཅིག་དགུ་བརྒྱ་ལྔ་བཅུར་སླེབས་ཡོད།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སུ་བཀོད་པའི་གཞི་གྲངས་ཆེས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ལྔའི་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་གཉིས་དང་ཁྲི་དགུ་སྟོང་དྲུག་བརྒྱད་བརྒྱ་གྱ་དྲུག་གིས་ཇེ་མང་དུ་སོང་བ་དང་།  བསྡོམས་པས་བྱེ་བ་བཞི་དང་འབུམ་གཉིས་ཁྲི་ལྔ་སྟོང་གཅིག་དགུ་བརྒྱ་ལྔ་བཅུར་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་ཉེར་བརྒྱད་ཀྱིས་ཇེ་མང་དུ་སོང་བ་དང་།  བསྡོམས་པས་ས་ཡ་གཅིག་འབུམ་གཅིག་ཁྲི་གཅིག་སྟོང་དྲུག་བརྒྱ་དང་སོ་གཅིག་ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།