ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཡོ་ནན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། ཡོ་ནན་གྱི་རྒྱལ་ས་ཧེ་ནེ་ནས། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་གིས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་ལ་ཐུག་འཕྲད་བྱས། 

2.jpg

ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། ཡོ་ནན་གྱི་རྒྱལ་ས་ཧེ་ནེ་ནས། ཡོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ་ཡིས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་ལ་ཐུག་འཕྲད་བྱས། 

3.jpg

ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། ཡོ་ནན་གྱི་རྒྱལ་ས་ཧེ་ནེ་ནས། ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་གྱིས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་ནན་གྱི་ཙུང་ལི་རོན་ཁྲོང་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་དང་རིམས་ནད་རྗེས་ཀྱི་སླར་གསོའི་བྱ་བ་སོགས་ཀྱི་ཐད་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་། 

བསྒྲགས་པ་ལྟར་ན། རོན་ཁྲོང་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཕན་ནུས་ལྡན་པའི་གྲོས་མོལ་བྱས་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་ནས་མཉམ་ལས་ཟབ་མོ་བྱས་ཏེ། རིམས་ནད་རྗེས་ཀྱི་སླར་གསོའི་བྱ་བའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་རྒྱུ་ཡིན་ཟེར། 

ཅན་དབྱེ་ཝེ་ཡིས་བཤད་རྒྱུར། འཇར་པན་གྱིདབ་ཡོ་ནན་བར་གྱི་དངོས་གཉེར་ནུས་མཐོའི་རིམ་པ་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས་སྲུང་འཛིན་བྱེད་འདོད་ཡོད་པ་དང་། རིམ་བཞིན་དུ་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སླར་གསོ་བྱེད་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ཚོང་ལས་ཀྱི་ཐད་གཏོང་གནམ་གྲུ་གཏོང་ཐེངས་སླར་གསོ་བྱེད་པར་ཡིད་འཐད་བྱུང་། 

དེ་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་དང་ཉོ་ཚོང་། གནོད་འགོག རྨང་གཞིའི་སྒྲིག་ཆས་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་འཐད་པ་བྱུང་། 

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་དང་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་གཉིས་ཀྱིས་ཉིན་དེར་སོ་སོར་ཅན་དབྱེ་ཝེ་ལ་ཐུག་འཕྲད་བྱས། 

ཅན་དབྱེ་ཝེ་ཚེས་བཅོ་བརྒྱད་ཉིན་ཡོ་ནན་གྱི་རྒྱལ་ས་ཧེ་ནེ་རུ་འབྱོར་ནས། ཡོ་ནན་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ལ་དུས་ཡུན་ཉིན་བཞིའི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་ཁོས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་རྒྱལ་ཁབ་གཞན་པར་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།