ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས17ཉིན་ནི་རྒྱལ་སྤྱིའི་དབུལ་སེལ་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་དེ་མཇུག་སྒྲིལ་རྗེས་གང་ཡིན་ཡང་དབུལ་ཕོངས་ཀྱི་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ཁོ་ཚོར་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་མི་རྣམས་ལ་མཚོན་ན། པྲོག་གསར་གློ་ཚད་རིམས་ནད་ནི་ཉམས་ཉེན་ཚབས་ཆེན་ཞིག་རེད། གཅིག་ནས་དབུལ་ཕོངས་མང་ཚོགས་ལ་ནད་དུག་འགོ་བའི་ཉེན་ཁ་ཧ་ཅང་ཆེ་བ་དང་། སྤུས་ལེགས་བདེ་སྲུང་ཐོབ་པའི་གོ་སྐབས་ཧ་ཅང་ཉག་ཕྲ། གཉིས་ནས་ཚོད་དཔག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ད་ལོར་མི་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་ལྷག་རིམས་ནད་དབང་གིས་དབུལ་ཕོངས་སུ་འགྱུར་སྲིད་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཉེ་བའི་ལོ་བཅུའི་ནང་ཐོག་དང་པོར་ཁ་སྣོན་བྱས་པ་ཡིན་ལ། བུད་མེད་མང་བོའི་བྱ་བའི་གོ་སྐབས་ཤོར་སྲིད་པ་དང་། སྤྱི་ཚོགས་འགན་སྲུང་ཐོབ་པའི་གོ་སྐབས་ཧ་ཅང་དམའ་བར་མ་ཟད། མདུན་དུ་ལྷགས་པའི་ཉེན་ཁ་སྔར་ལས་ཆེ་བ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། གནད་འགག་གི་དུས་སྐབས་འདིར་འཛམ་གླིང་ཡོངས་ཀྱིས་རྒྱུན་ལྡན་མིན་པའི་རྩོལ་བ་ལ་བརྟེན་ནས་དབུལ་ཕོངས་དང་འཐབ་རྩོད་བྱེད་དགོས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཐད་ནས་རྒྱལ་ཁབ་སོ་སོས་སྟོབས་དང་ལྡན་པའི་ཐུན་མོང་འགུལ་སྐྱོད་སྤེལ་བ་དང་དཔལ་འབྱོར་གྱི་འཕེལ་ཚུལ་མྱུར་དུ་བསྒྱུར་ནས་ལྷད་མེད་དང་རྒྱུན་མཐུད་ཀྱི་སླར་གསོའི་ཐད་ཤུགས་སྣོན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།