ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ལིན་དང་དབྱི་སི་རལ་གྱིས་ཕྱོགས་ཡོངས་ཀྱི་འབྲེལ་བ་དངོས་སུ་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས18ཉིན། པཱ་ལིན་གྱི་མེད་ནཱ་མེད་ནས། དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་པིན་ཧྲ་པཱ་ཐི་དང་པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ནེ་སོགས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ལིན་དང་དབྱི་སི་རལ་གྱིས་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་འབྲེལ་བ་དངོས་སུ་བཙུགས། 

བསྒྲགས་པ་ལྟར་ན། པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ནེ་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་པིན་ཧྲ་པཱ་ཐི་གཉིས་ཀྱིས་ཉིན་དེར་ཕྱི་འབྲེལ་དང་། ཞི་བདེ་དང་མཛའ་མཐུན་གྱི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་སྤྱི་སྒྲོག་བཀོད། དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རེ་བས་ཁེངས་པའི་དུས་རབས་གསར་བར་བསླེབ་པ་མཚོན་ཡོད། 

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ད་རུང་དཔལ་འབྱོར་ཉོ་ཚོང་དང་གློག་འཕྲིན། ཚོང་ལས། མཁའ་འགྲུལ་ཞབས་ཞུ། མི་སྣའི་འཁོར་རྒྱུག དངུལ་ཁང་དང་དངུལ་ལོར་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་པ་རེད། འབྲེལ་ཡོད་བྱ་བའི་ཚན་ཆུང་གིས་རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་བདེ་སྲུང་དང་ལག་རྩལ། གནས་སྐོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མ་འོངས་པའི་མཉམ་ལས་ལ་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བར་འཆར་འགོད་བྱས། 

ཉིན་དེའི་སྔ་དྲོར། པིན་ཧྲ་པཱ་ཐི་ཡིས་ཁྲིད་པའི་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་དང་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་མུའུ་ནོའུ་ཆན་གྱིས་ཁྲིད་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་པཱ་ལིན་གྱི་རྒྱལ་ས་མེད་ན་མེད་དུ་བསླེབ་པ་རེད། 

ཀྲ་ཡེ་ནེ་ཡིས་པིན་ཧྲ་པཱ་ཐི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་འཚམས་འདྲིར་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། འཚམས་འདྲིའི་གྲུབ་འབྲས་བཟང་བོ་དེས་རྒྱལ་ཁབ་གཉིས་བར་སྔར་ལས་རྒྱ་ཆེ་བའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་ཐུབ་ཟེར། 

པིན་ཧྲ་པཱ་ཐི་ཡིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་ལས་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱིས་བསྟུད་མར་མཐུན་སྦྱོར་མཉམ་ལས་བྱས་ཏེ་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།