ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རི་སིའི་འཕུར་གྲུ་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་ཆུ་ཚོད3ཙམ་ནང་འབྱོར་ཡོད་པ་དང་དུས་ཚོད་ཀྱི་ཆ་ནས་ཟིན་ཐོ་གསར་པ་བསྐྲུན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་དེ་གའི་ཚེས14ཉིན། ཨུ་རུ་སུ་དང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་གསུམ་ཨུ་རུ་སུའི“མནའ་འབྲེལ་རྟགས་ཅན”གྱིMS-17མི་སྡོད་འཕུར་གྲུར་བསྡད་དེ་ཧ་སག་སི་ཐན་ནས་བར་སྣང་དུ་འཕུར་ཏེ་རྒྱལ་སྤྱིའི་བར་སྣང་ས་ཚིགས(ISS)སུ་བསྐྱོད་པ་དང་། ཆུ་ཚོད3དང་སྐར་མ3ཙམ་ནང་འབྱོར་བས་དུས་ཚོད་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

    点击进入下一页

    ཉིན་དེར་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡིས་སྨྱན་སྦྱོར་ཐོག “མནའ་འབྲེལ་རྟགས་ཅན”གྱི་འཕུར་གྲུ་དེ་བདེ་བླག་ངང་རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་སྦྲེལ་མཐུད་ཐུབ་ཅིང་། ཐེངས་འདིའི་འགྲུལ་བཞུད་ལ་དུས་ཡུན་ཆུ་ཚོད3དང་སྐར་མ3ལས་འགོར་མེད་པས་ཟིན་ཐོ་གསར་བ་བསྐྲུན་ཡོད་ཅེས་ར་སྤྲོད་བྱས་ཡོད།

    ཧྥ་རན་སིའི་གསར་འགྱུར་ཁང་གིས་ཐེངས་འདིའི་འགྲུལ་བཞུད་ཀྱི་དུས་ཡུན་ཆུ་ཚོད3ལྷག་ཙམ་ལས་འགོར་མེད་པ་དང་རྒྱུན་ལྡན་གྱི་དུས་ཡུན་ལས་དུས་ཚོད་ཕྱེད་ཀ་གྲོན་ཆུང་བྱས་ཡོད་ཅེས་བསྒྲགས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།