ཀྲུང་གོ་བོད་ཀྱི་དྲ་བ།

ཕོར་ཐིའུ་ཀལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིསCལོ་ལ་པྲོག་གསར་གློ་ཚད་འགོས་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་དེ་གའི་ཚེས་བཅུ་གསུམ་ཉིན། ཕོར་ཐིའུ་ཀལ་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྤོ་ལོ་རྒྱག་མཁན་མིང་གྲགས་ཅན་ཁེ་ལི་སི་ཏི་ཡ་ནུའོ·ལའོ་ན་ཨར་ཏོ(Cལོ)ཡི་པྲོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་མཇུག་འབྲས་མངོན་གཤིས་ཡིན་པས་སྐབས་འདིའི་རྒྱལ་ཁབ་རུ་ཁག་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

caef76094b36acafcc0f160d0dc3e31700e99c72.jpeg

ད་ལོ་ལོ35ལ་སླེབས་པའིCལོ་ནི་འཛམ་གླིང་རིམ་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་རྩེ་གྲས་ཞིག་ཡིན་པ་དང་སྔ་རྗེས་སུ་གསེར་གྱི་སྤོ་ལོའི་བྱ་དགའ་ཐེངས5ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། Cལོ་ཡིས་པྲོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་ཐེངས་མང་བྱས་རྗེས་མངོན་གཤིས་ཡིན་པ་རེད།

    ཕོར་ཐིའུ་ཀལ་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིསCལོ་ཡི་མིག་སྔའི་ལུས་པོའི་རྣམ་པ་ཡག་པོ་ཡོད་པ་དང་། ཕོར་ཐིའུ་ཀལ་གྱི་སྐྱེས་པའི་རྐང་རྩེད་སྤོ་ལོ་རྒྱག་མཁན་གཞན་པའི་པྲོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་མཇུག་འབྲས་ཚང་མ་ཡིབ་གཤིས་ཡིན་པ་མ་ཟད། ཉིན་དེའི་ཕྱི་དྲོར་འགྲན་བསྡུར་སྔོན་གྱི་སྦྱོང་བརྡར་བྱས་ཡོད་ཅེས་བསྟན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།