ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རྒྱ་གར་གྱིས་སྐོར་ཐེངས་བདུན་པའི་དམག་དཔོན་རིམ་པའི་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་རིན་གོ་ཆང་གིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གཉིས་ཀྱིས་ཁྲུའུ་ཧྲུའུ་ལེ་ནས་སྐོར་ཐེངས་བདུན་པའི་དམག་དཔོན་རིམ་པའི་གྲོས་མོལ་སྤེལ་ཟེར། 

རིན་གོ་ཆང་གིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཡུལ་དང་པོའི་དམག་དཔུང་གིས་ཀྲུང་གོ་དང་རྒྱ་གར་གྱི་རྒྱལ་མཚམས་ནུབ་ངོས་ཀྱི་ཚོད་འཛིན་ས་ཁུལ་ནས་འབྲེལ་ཐག་བཅད་པའི་ཐད་ནས་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། སྐོར་ཐེངས་འདིའི་གྲོས་མོལ་ནི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བཟང་བོ་ཞིག་ཡིན་པ་དང་། ཕན་ཚུན་གྱི་ལངས་ཕྱོགས་ལ་བཟོད་སྒོམ་བྱེད་པའི་འབྲེལ་བ་ཇེ་དྲག་ཏུ་གཏོང་ཐུབ་པར་འདོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དམག་དོན་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གྲོས་མོལ་འབྲེལ་འདྲིས་སྲུང་འཛིན་བྱེད་པ་དང་། གང་མགྱོགས་ཀྱིས་འབྲེལ་ཐག་ཆད་པའི་གནད་དོན་ཐད་ནས་ཀུན་གྱིས་དང་ལེན་ཐུབ་པའི་ཐག་གཅོད་བྱེད་ཐབས་ཤིག་འགོད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་ནན་ཏན་གྱིས་དངོས་འབེབ་བྱེད་པ་དང་འགལ་བ་དེ་རྩོད་གླེང་དུ་འགྱུར་བར་སྔོན་འགོག་བྱས་ཏེ། མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།