ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་དབུ་བཞུགས་བློན་ཆེན་གསར་བ་ཧཱ་སུའུ་ནེ་ཡིས་སྤྲད་པའི་ནེ་ཀིའི་ཁོངས་མིའི་མིང་ཐོར་ཆོག་མཆན་བཀོད་པ་དང་། ནེ་ཀི་གསར་བས་དམ་བཅས་བཞག་སྟེ་ལས་འགན་ཁུར་ཟེར། 

ཧཱ་སུའུ་ནེ་ཡིས་དབུ་བཞུགས་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་བ་ལས་གཞན། ཅོར་ཏན་གྱི་ནེ་ཀི་གསར་བར་ཁོངས་མི་སོ་གཅིག་ཡོད། སྐབས་སྔོན་མའི་ནེ་ཀིའི་ཕྱི་འབྲེལ་དང་ནོར་སྲིད། སློབ་གསོ། རིག་གནས་སོགས་བློན་ཆེན་བརྒྱད་སྔ་སོར་བཞག་ཡོད་པ་དང་། གཞན་ཡང་མི་བཅུ་ལ་ནེ་ཀིར་ཞུགས་པའི་བརྒྱུད་རིམ་ཡོད་ལ། བློན་ཆེན་བཅུ་གསུམ་གྱིས་གསར་དུ་འགན་ཁུར་བ་རེད། དེའི་ནང་ཀུན་གྱིས་དོ་སྣང་བྱེད་པའི་འགྱུར་ལྡོག་ནི་ཐུའུ་ཁན་གྱིས་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་ཡོད་པ་དང་། ཧཱ་ལཱ་ཨར་མཱེ་ཡིས་ནང་སྲིད་བློན་ཆེན་གྱི་འགན་ཁུར་ཡོད་པ་དེ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།