འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བཞི་ཁྲི་གཉིས་སྟོང་གསུམ་དྲུག་བརྒྱ་དྲུག་ཅུར་བསླེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བཞི་ཁྲི་གཉིས་སྟོང་གསུམ་དྲུག་བརྒྱ་དྲུག་ཅུར་བསླེབས་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉེར་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གསུམ་དང་སྟོང་བདུན་བཞི་བརྒྱ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བཞི་ཁྲི་གཉིས་སྟོང་གསུམ་དྲུག་བརྒྱ་དྲུག་ཅུར་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་བཞི་བརྒྱ་ཞེ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་བདུན་སྟོང་བཞི་བརྒྱད་བརྒྱ་བཅུ་བདུན་ལ་བསླེབས་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།