ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཙུང་ཐུང་གིས་ཞི་ལཱའི་བར་བཀོད་པའི་མཚོ་ཐོག་གི་མཐའ་མཚམས་གྲོས་མཐུན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་ཉིན་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། ཨེ་ཅིབ་དང་ཞི་ལཱ་ཡིས་ཟླ་བརྒྱད་པར་བཀོད་པའི་མཚོ་ཐོག་གི་མཐའ་མཚམས་གྲོས་མཐུན་ལ་ཆོག་མཆན་བཀོད། གྲོས་མཐུན་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་མཚོ་ཐོག་ནས་ཆེད་གཏོགས་དཔལ་འབྱོར་ས་ཁུལ་འཛུགས་རྒྱུ་རེད། 

བཅའ་ཁྲིམས་བཀའ་རྒྱ་དེའི་གཏན་འཁེལ་ལྟར་ན། ཕྱོགས་གཉིས་ཀྱི་ས་ཁོངས་སུ་ཁྱབ་པའི་རང་བྱུང་ཐོན་ཁུངས་ཡོད་ན། ཕྱོགས་གཉིས་ཀྱིས་ངེས་པར་དུ་མཉམ་ལས་བྱས་ནས་ཐོན་ཁུངས་དེ་ཇི་ལྟར་སྔོག་འདོན་བྱེད་པར་གྲོས་མཐུན་འགོད་དགོས་པ་རེད། 

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་གི་མཐའ་མཚམས་གསལ་བོར་བགོ་རག་བར་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཟླ་བརྒྱད་པའི་ཚེས་དྲུག་ཉིན། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཕྱི་འབྲེལ་བློན་ཆེན་ཏིན་ཏིས་ཡཱ་སི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་གི་མཐའ་མཚམས་གྲོས་མཐུན་བཀོད། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཨེ་ཅིབ་གྲོས་ཁང་གིས་འདེམ་ཤོག་འཕངས་ཏེ་གྲོས་མཐུན་དེར་ཆོག་མཆན་བཀོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།