ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་འདུག

ཡོང་ཁུངས། : ཁམས་པའི་དྲ་བ།     སྤེལ་དུས། : 2020-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2020ལོའི་ཟླ10པའི་ཚེས8ཉིན་གྱི་དགུང་དྲོའི་དུས་ཚོད19པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཨ་རིའི་སྙན་ངག་པ་ལྕམ་ལོའུ་སེགྷྀ་ལུ་ཀྀ(Louise Glück)ལགས་ལ་སྤྲད་དེ་ཁོ་མོའི་རྩོམ་རིག་དང་སྙན་ངག་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

2.jpg

སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ལྕམ་ལོའུ་སིགྷྀ་ལུ་ཀྀ་ལགས་ལ“ཁོ་མོའི་རྩོད་མེད་ཡོངས་གྲགས་ཀྱི་སྙན་ངག་གི་བྲོ་བ་ཞིམ་པའི་སྐད་བརྡ་དང་། བབ་ཆགས་ཀྱི་མཛེས་པས་མི་སྒེར་གྱི་གནས་སྟངས་ཡོངས་ཁྱབ་ཅན་དུ་བསྒྱུར་བ”ཞེས་པའི་མིང་ཐོག་ནས་ནོ་པེར་རྩོམ་རིག་བྱ་དགའ་སྤྲད་ཡོད། 

ལྕམ་ལོའུ་སིགྷྀ་ལུ་ཀྀ་ལགས་ནི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་དུ་བརྗོད་ཅིང་། ད་ལྟའི་བར་སྙན་དེབ་བཅུ་གཉིས་པར་བསྐྲུན་བྱས་ཡོད་ལ། རྒྱལ་སྤྱིའི་བྱ་དགའ་མང་པོ་ཐོབ་མྱོང་བ་རེད།

3.jpg

ཡིན་ནའང་ཀྲུང་གོའི་རྩོམ་རིག་དང་བོད་ཀྱི་རྩོམ་སྟེགས་རྣམས་སུ་ལོ་སྔོན་མ་དག་དང་འདྲ་བར་ཁོ་མོ་ཅུང་རྒྱུས་མེད་ཅིག་ཏུ་སྣང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།