ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ནཱ་ཁཱ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གསལ་སྒྲོག་དེ་ལྟར་ན། ཕྱོགས་སོ་སོས་ཟླ་བཅུ་བའི་ཚེས་བཅུ་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་ནས་བཟུང་ནཱ་ཁཱ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་ཡོད་པ་དང་། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་བར་འདུམ་འོག་བཟུང་དམག་དང་འདས་པོའི་བེམ་པོ་བརྗེ་སྤོར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།