ཨུ་རུ་སིའི་ཙུང་ལི་ཡིས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཚེས་དགུ་ཉིན་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་ནས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་བཞག་ནས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

མུས་ཧྲུའུ་སི་ཅིང་གིས་ཉིན་དེར་ཨེ་ལི་ཝུན་ནས་སྤེལ་བའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་སྲིད་གཞུང་བར་གྱི་ལས་འཛིན་ཚོགས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། ང་ཚོས་ཐེངས་འདིའི་འཁྲུག་རྩོད་ཁྲོད་ཚེ་སྲོག་ཤོར་བའི་མི་རྣམས་ལ་མྱ་ངན་ཞུ་དགོས་པ་དང་། ད་ལྟ་ངེས་པར་དུ་མྱུར་མོར་འཁྲུག་རྩོད་མཚམས་བཞག་ནས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་བར་ཁག་ཐེག་བྱེད་དགོས་ཟེར། 

མུས་ཧྲུའུ་སི་ཅིང་གིས་ད་རུང་བཤད་རྒྱུར། ཨུ་རུ་སི་ཡིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་གཞན་པ་དང་མཉམ་དུ་འབད་བརྩོན་བྱས་ནས། ནཱ་ཁཱའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་གྲོས་ཚོགས་སྟེང་བཤད་རྒྱུར། ཨེ་མེ་ནི་ཡཱ་ཡིས་མིག་སྔའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཕྱི་འབྲེལ་བློན་ཆེན་གྱི་ཐུན་མོང་གསལ་སྒྲོག་གཞིར་བཟུང་ནས་ནཱ་ཁཱའི་གནད་དོན་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།