ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་སུའེ་ཙེར་གྱི་ལུའུ་སའེ་ཨེན་ཉེ་འདེབས་སུ་འཚོགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་སུའེ་ཙེར་རེ་ནེ་ཝར་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། གླེང་སྟེགས་དེའི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་སང་ལོའི་ཟླ5བའི་ཚེས18ནས་ཚེས21ཉིན་བར་སུའེ་ཙེར་གྱི་ཡུལ་སྐོར་གྲོང་ཁྱེར་ལུའུ་སའེ་ཨེན་གྱི་ཉེ་འདེབས་སུ་འཚོགས་རྒྱུ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ་བཤད་དོན། 2021ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་འཛམ་གླིང་གི་བསྐྱར་དར་ཞེས་པ་ཡིན་ལ། ཚོགས་ཐོག་ཏུ་འཛམ་གླིང་ཡོངས་སུ་ཆེས་དགོས་གལ་ཆེ་བའི་འགྲན་རྩོད་ལ་ཁ་གཏད་འཇལ་བར་མཁོ་བའི་ཐག་གཅོད་ཇུས་གཞི་གཙོར་བཟུང་ནས་གྲོས་བསྡུར་བྱེད་ངེས་རེད། འཛམ་གླིང་ཡོངས་ཀྱི་འགོ་ཁྲིད་པས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐུན་མོང་གི་སླར་གསོའི་བགྲོད་ལམ་ཞིག་ཇུས་འགོད་བྱེད་དགོས་པར་མ་ཟད། གོང་བུ་འགྲིལ་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཤིག་བསྐྱར་སྐྲུན་བྱེད་རྒྱུ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཁྱབ་སྒྲོག་བྱས་དོན། 2021ལོའི་ལོ་ཚོགས་དེ་ཡུལ་དངོས་ནས་ཚོགས་པ་དང་དྲ་ཐོག་གི་བརྙན་རིས་བརྒྱུད་དེ་འཚོགས་རྒྱུ་ཡིན་ལ།  གཞན་ད་དུང་སྒྲིག་གཞི་དེས2022ལོའི་ལོ་ཚོགས་དེ་སླར་ཡང་ཏ་ཝོ་སི་ནས་འཚོགས་རྒྱུའི་རེ་བ་བཅངས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།