ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གསུམ་ཁྲི་བཞི་སྟོང་བདུན་བཞི་བརྒྱ་དང་བཞི་ལ་སླེབས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གསུམ་ཁྲི་བཞི་སྟོང་བདུན་བཞི་བརྒྱ་དང་བཞི་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་ཆེས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅོ་ལྔ་དང་སྐར་མ་བདུན་བར་དུ། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་དང་ཁྲི་གསུམ་སྟོང་ལྔ་བརྒྱད་བརྒྱ་དྲུག་ཅུ་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གསུམ་ཁྲི་བཞི་སྟོང་བདུན་བཞི་བརྒྱ་དང་བཞི་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་བཞི་དང་ང་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་གསུམ་སྟོང་དགུ་བཞི་བརྒྱ་དང་དྲུག་ལ་སླེབས།

རྩོམ་སྒྲིག་པ། : གསང་བདག་རྒྱལ།